5458

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསོད་པ་སློང་བའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་བཞི་བཅུ་པ། བསོད་པ་སློང་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་ངག་གི་རིག་བྱེད་ཀྱིས་བསླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བྱེད་དངོས་གཞིའོ། །གླེང་གཞི་ནི། སེར་སྐྱའི་གནས་སུ་དྲུག་སྡེས་ཟས་བསོད་པ་བླངས་ཏེ། ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་འདོད་པ་ཚབ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །བསོད་པ་ནི། གསར་པ། ལེགས་པ། བཟང་པོ་བཅས་ལ་འཇུག་པར་བཤད།