From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བསྐྱེད་རིམ་དུ་གྱུར་པའི་ལུས་དབེན
|
| Tibetan Definition
|
(གསང་སྔགས) རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་དང་མ་འབྲེལ་བའི་ཕུང་སོགས་ལྷར་བསྒོམ་པ་ཙམ་ལ་ཟེར། རྒྱས་པར་བཤད་ན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་སྒོ་ནས་ཕུང་སོགས་ལྷར་བསྒོམ་པ་མིན་པར། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་རྩེའི་བར་འབེབས་ནུས་ཤིང་། དེ་ལ་བརྟེན་ནས་དགའ་བཞི་སྐྱེས་ནུས་ལ། དེ་ལྟ་བུའི་བདེ་བ་དང་སྟོང་པ་སྦྱར་བའི་སྒོ་ནས་ཕུང་སོགས་ལྷར་བསྒོམ་པ་ལ་བསྐྱེད་རིམ་པའི་ལུས་དབེན་ཞེས་ཟེར་རོ། །རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས།
|