5496

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྒོ་གྱུར་གྱི་ལྟུང་བ་བཅུ
Tibetan Definition (འདུལ་བ) དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བ་སྟེ་དགེ་འདུན་ལྷག་མ་བཞི་དང་། །སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་དང་། །དགེ་སློང་མའི་བཟློག་པའི་ཕམ་པ། །དཀོན་མཆོག་གཏོང་བའི་ལྷག་མ། །འཐབ་དཀྲོལ་བྱེད་པའི་ལྷག་མ།།སྡེ་ཞིང་གནས་པའི་ལྷག་མ། །སྡེ་ཞིང་གནས་སུ་འཇུག་པའི་ལྷག་མ་དང་ལྔ་སྟེ་བཅུའོ། །དང་པོ་ལྔ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། ཕྱི་མ་ལྔ་ནི་དགེ་སློང་མའི་བསྒོ་གྱུར་ཐུན་མོང་མ་ཡིན་པ་ཡིན་ནོ། །བསྒོ་གྱུར་ཙམ་གྱི་དབང་དུ་བྱས་ན་དགེ་ཚུལ་གྱི་སྡིག་ལྟ་མི་གཏོང་བའི་བསྒོ་གྱུར་གྱི་ཉེས་བྱས་ཡང་བསྒོ་གྱུར་གྱི་ལྟུང་བ་ཡིན་པས་བཅུར་གྲངས་མ་ངེས་སོ། །མཚོ་ཊཱིཀ་ལྟར་རོ། །