5722

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བུམ་པ
Tibetan Definition <ཀུམྦྷ> ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ། བུམ་པའི་མཚན་ཉིད་ཡིན། བུམ་པའི་ལྟོ་བ་ལྡིར་བའམ་འབུར་བ། བུམ་པའི་སྨད་ཕྲ་རུ་སོང་བ་ལ་ཞབས་ཞུམ་པ་ཟེར། ཞབས་ཞུམ་པ་ཞེས་པའི་ཞབས་ནི་མཐིལ་ལ་མི་གོ་བར་སྨད་ལ་གོ་དགོས། ཆུ་སྐྱོར་བ་ནི་ཆུ་ཐུར་དུ་མི་ལྷུང་བར་སྐྱོར་བའམ་འཛིན་པའོ། །བུམ་པ་ཞེས་པ་ལེགས་སྦྱར་གྱི་ “ཀུམྦྷ” ཟུར་ཆག་པ་ཡིན་ནམ་སྙམ་ཡང་དཔྱད་དོ། །སྤྱིར་ “ཀུམྦྷ” ཞེས་པ་བུམ་པ་དང་། གླང་པོའི་མགོ་གཉིས་ལ་འཇུག་པར་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་བཤད་དེ། དེ་ཉིད་ལས། ཀུམྦྷ་བུམ་པ་གླང་པོའི་མགོ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་ཀུམྦྷ་པ་ཞེས་པ། རྫ་དང་ཤིང་ཉེ་རོང་སྟེ་དུར་བྱེད་དང་། བུམ་པ་བཅས་ལ་འཇུག་པར་བཤད་དོ། །