From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བུམ་རྫས་ཉེར་ལྔ
|
Tibetan Definition
|
བུམ་རྫས་ཉེར་ལྔ་ལ་བྱ་རྒྱུད་ནས་བཤད་པ་དང་བླ་མེད་ནས་བཤད་པ་གཉིས་ལས། 1 དང་པོ་བྱ་རྒྱུད་ནས་བཤད་པའི་བུམ་རྫས་ཉེར་ལྔ་ནི། སྟག་ཚེར་པའམ་ཀཎྜ་ཀཱ་རི། དབང་ལག རྒྱ་མཚོའི་ལྦུ་བ། ཤུ་དག སླེ་ཏྲེས་ཏེ་སྨན་ལྔ། གསེར་དངུལ་ གཡུ་བྱུ་རུ་མུ་ཏིག་སྟེ་རིན་ཆེན་ལྔ། ནས་འབྲས་གྲོ་སྲན་མ་སོ་བ་སྟེ་འབྲུ་ལྔ། ཙན་དན་དཀར་དམར་ག་བུར་གུར་གུམ་ཛཱ་ཏི་སྟེ་དྲི་ལྔ། སྦྲ་རྩི། ཀ་ར། ཞོ། འོ་མ། མར་ཏེ་ཕྱི་ཡི་བདུད་རྩི་ལྔ་དང་བཅས་བྱ་རྒྱུད་བུམ་རྫས་ཉེར་ལྔའོ། །2 བླ་མེད་ཀྱི་བུམ་རྫས་ཉེར་ལྔ། སྟག་ཚེར་པའམ་ཀཎྜ་ཀཱ་རི། གཞན་གྱིས་མི་ཐུབ་པ། དབྱུག་པའི་ཨུཏྤལ། དབང་ལག་སྟེ་སྨན་ལྔའོ། །གསེར་དངུལ་མུ་ཏིག་བྱུ་རུ་གཡུའམ་མུ་མེན་ཏེ་རིན་པོ་ཆེ་ལྔ། ཏིལ་ལན་ཚྭ་མར་བུ་རམ་སྦྲང་རྩི་སྟེ་སྙིང་པོ་ལྔ། ནས་འབྲས་གྲོ་སྲན་མ་སོ་བ་སྟེ་འབྲུ་ལྔ། ཙན་དན་དཀར་དམར་ག་བུར་གུར་གུམ་གླ་རྩི་དང་ལྔ་སྟེ་བླ་མེད་ཀྱི་བུམ་རྫས་ཉེར་ལྔའོ། །ཁ་ཅིག་དེའི་སྟེང་དུ་ནང་གི་བདུད་རྩི་ལྔའི་དོད་བསྣན་པའང་ཡོད་པར་བཤད། འདི་དག་གི་སྐོར་རྗེའི་སྔགས་རིམ་ཆེན་མོ་དང༌། དབང་དོན་དེ་ཉིད་རབ་གསལ། ཀློང་རྡོལ་བླ་མའི་གསུང་འབུམ་སོགས་ལ་གཟིགས།
|