5799

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་རོག་གི་མཐོ
Tibetan Definition (འདུལ་བ) སོར་བཞིའི་ཚད་དེ། མཐེ་བོང་དང་ཉེ་བའི་མཛུབ་མོའི་ (སྤྱིར་མཛུབ་མོ་ཞེས་པ་མཛུག་གུ་ཐམས་ཅད་ཀྱི་མིང་ཡིན་མོད། འདིར་མཛུབ་མོ་ནི་མཐེ་བོང་ནས་བརྩིས་པའི་མཛུག་གུ་གཉིས་པ་དེའི་མིང་ངོ) ཚིགས་དབུས་མར་མཐེ་བོང་གི་ཚིགས་སྦྱར་བའི་ཚད། སྒྲ་བཤད་ནི། མཐེ་བོང་གི་ཚིགས་དབུས་མ་དང་མཛུབ་མོའི་ཚིགས་དབུས་མ་གཉིས་སྦྱར་བའི་ཚེ་བྱ་རོག་གི་རྐང་པ་དང་འདྲ་བའི་བཟོ་དབྱིབས་ཤིག་ཐོན་པས་དེ་ལྟར་བཏགས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མཐེ་བོང་དང་ཉེ་བར་གྱུར་པ་མཛུབ་མོ་གང་ཡིན་པ་དེའི་དབུས་མའི་ཚིགས་གང་ཡིན་པ་དེའི་ཚིགས་ཀྱི་ལོགས་གང་ཡིན་པ་དེའི་སྟེང་དུ་མཐེ་བོའི་ཚིགས་བཞག་པར་གྱུར་པ་ལས་མཐོར་གྲུབ་པ་གང་ཡིན་པ་དེ་ལ་འདིར་བྱ་རོག་གི་མཐོ་ཉིད་དུ་བརྗོད་པ་ཡིན་ལ་བྱ་རོག་གི་རྐང་པ་དང་འདྲ་བའི་སྒོ་ནས་འདི་ལ་ཡང་སོར་བཞི་ཁོ་ནའི་ཚད་དུ་རྣམ་པ་གཞན་གྱི་སྒོ་ནས་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །