5828

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་ཀྱི་སེམས
Tibetan Definition 4 (བཀའ་བརྒྱུད) སེམས་ཉིད་དམ་ཐ་མལ་གྱི་ཤེས་པ། དེ་ལ་གདོད་མའི་བྱང་ཆུབ་ཆེན་པོ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས། གཞི་བྱང་ཆུབ་ཀྱི་སེམས་སོགས་ཀྱི་ཐ་སྙད་བྱེད་དོ། །དེ་ཡང་འདུས་པའི་རྒྱུད་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །ཅེས་གསུངས། དེ་ལ་གཞི་དང༌། ལམ་དང༌། འབྲས་བུ་གསུམ་གྱི་བྱང་ཆུབ་ཀྱི་སེམས་གསུམ་ཡོད་པར་གསུངས།