5898

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱི་དོར་བྱེད་པའི་ཕན་ཡོན་ལྔ
Tibetan Definition གཙུག་ལག་ཁང་དང་རང་གི་གནས་ཁང་སོགས་བྱི་དོར་བྱེད་པ་ལ། འདུལ་བ་ལུང་དང་། ཁང་བུ་བརྩེགས་པའི་མདོ་ལས་ཕན་ཡོན་ལྔ་གསུངས་ཏེ། རང་གི་སེམས་དང་བར་ (དང་བ་དང་དད་པ་ཞེས་པ་དགའ་བའི་དོན་ཡིན) འགྱུར་བ་དང༌། གཞན་གྱི་སེམས་དང་བར་ (དགའ་བར) འགྱུར་བ་དང༌། ལྷ་རྣམས་དགའ་བར་འགྱུར་བ་དང༌། མཛེས་པའི་ལས་གསོག་པ་དང༌། ལུས་ཞིག་ནས་ལྷ་ཡུལ་དུ་སྐྱེ་བ་དང་ལྔ་གསུངས་སོ། །བྱམས་པ་རིན་པོ་ཆེས། རྡུལ་ནི་སྡུག་ཀུན། ཕྱགས་མ་ལམ་བདེན། རྡུལ་དག་པ་འགོག་བདེན་མཚོན་བྱེད་དུ་སྦྱོར་ཞེས་གསུངས།