5902

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱི་བོ
Tibetan Definition (ཕར་ཕྱིན) 1 འཆལ་པོ་དང་འཆལ་མོའི་མིང་། གཞན་གྱི་ཆུང་མའམ་ཁྱོ་དང་ལྷན་ཅིག་འདོད་ལོག་སྤྱོད་མཁན་གྱི་མིང་། བྱི་བོ་ཞེས་པའི་ཚིག་འདིའི་ཐད་ཀའི་གོ་དོན་ནི། བྱི་ནི་གོས་མེད་གཅེར་བུར་ཕྱུང་བའི་དོན་ཡིན་པས། གཅེར་བུར་ཕྱུང་ནས་གཞན་ལ་འདོད་ལོག་སྤྱད་པ་ལས་བྱི་བོ་ཞེས་པའི་ཚིག་བཟོས་པར་སེམས་སོ། །2 ལོག་གཡེམ་དང་འདོད་ལོག་གི་མིང་། དཔེར་ན་བྱི་བོ་བྱེད་པས་ཁྱོ་དང་བྲལ། །ཞེས་གསུངས། 3 རྒྱན་མེད་པ་ལའང་ཟེར། དཔེར་ན་གཎྜི་བྱི་བོ་ཞེས་པ་ལྟ་བུའོ། །