From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང
|
| Tibetan Definition
|
ཞིང་མཐའ་ཡས་པ་ཞེས་པའི་དོན། དབྱངས་ཅན་དགའ་བློས། ཆོས་མངོན་པ་ལྟར་ན། བྱེ་བ་གྲངས་གཅིག་ཏུ་བྱས་ཏེ། དེ་ཐེར་འབུམ་ཆེན་པོ་ལ་བརྩི་གཞི་གཅིག་ཏུ་བྱས་པའི་དེ་འདྲའི་ཐེར་འབུམ་ཆེན་པོ་བྱེ་བའི་གྲངས་དང་མཉམ་པའི་ཞིང་ཞེས་པའོ། །འོན་ཀྱང་དེ་གྲངས་ངེས་བཟུང་ལ་མི་བྱ་ཡི། གྲངས་མཐའ་ཡས་པ་ལ་བྱའོ། །ཞེས་གསུངས། ཏིང་ངེ་འཛིན་རྒྱལ་པོ་རྗེའི་ལམ་རིམ་དུ་དྲངས་པ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་གསུངས་སོ། །བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞེས་པའི་དཀྲིགས་པ་དེ། གྲངས་གནས་བཅོ་བརྒྱད་པ་ “དཀྲིགས” ཞེས་པ་དེ་ལ་ཟེར་བ་ཡིན་ནམ། སྤྲིན་དཀྲིགས་ཞེས་པ་ལྟ་བུའི་དཀྲིགས་གང་ཡིན་དཔྱད་པར་བྱའོ། །
|