From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བྱེ་བྲག་རྟོགས་བྱེད
|
| Tibetan Definition
|
1 བྱེ་བྲག་ཏུ་རྟོགས་པར་བྱེད་པ། ཞིབ་ཏུ་རྟོགས་པར་བྱེད་པ། ཞིབ་ཏུ་བཤད་པ། བོད་རྒྱ་ཚིག་མཛོད་ཆེན་མོར། བྱེ་བྲག་རྟོག་བྱེད་ཅེས་ས་མཐའི་ཡང་འཇུག་མེད་པ་ནི་ལེགས་པར་མི་སེམས་ཏེ། སྡེ་དགེ་སྤར་མའི་བྱེ་བྲག་རྟོགས་བྱེད་ཆེན་མོ་༼ ཅོ་པ ༽༡༣༡ན༤ ལས་ཀྱང་། བྱེ་བྲག་ཏུ་རྟོགས་པར་བྱེད་པར་རྫོགས་སོ། །ཞེས་གསུངས་ཤིང་། དེ་བཞིན་དུ་བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་ལས་ཀྱང་། རྟོགས་བྱེད་ཅེས་འབྱུང་ངོ་། །དོན་ལའང་འདིར་བྱེ་བྲག་ཏུ་རྟོགས་བྱེད་ཅེས་པ་གོ་རྒྱུ་ཅུང་ཟད་ཆེ་བར་སྣང་སྟེ། བྱེ་བྲག་ཏུ་ཞེས་པ་ནི་ཞིབ་ཏུ་ཞེས་པའི་དོན་དང་། རྟོགས་བྱེད་ནི་ཤེས་པར་བྱེད་པའམ་བཤད་པ་ཞེས་པའི་དོན་ཡིན་པས། ཞིབ་ཏུ་ཤེས་པར་བྱེད་པའམ་ཞིབ་ཏུ་བཤད་པ་ཞེས་པའི་དོན་ནོ། །བྱེ་བྲག་རྟོགས་བྱེད་ཅེས་པ་ཚིག་ཅུང་མི་བདེ་བ་ལྟ་བུར་སྣང་ཡང་། དེ་ནི་བྱེ་བྲག་ཏུ་རྟོགས་པར་བྱེད་པའི་བསྡུས་ཚིག་ཙམ་ཡིན་པས་དེ་ལྟར་དུ་སྣང་ཡང་སྐྱོན་མེད་དོ། །བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཞེས་པའི་སྐད་དོད་ནི། བྱུཏྤཏ་ཞེས་པ་འདིའོ། །བྱེ་བྲག་རྟོག་བྱེད་ཅེས་བརྗོད་ན་ནི་ཁྱད་པར་འབྱེད་བྱེད་ཅེས་པའི་དོན་ཙམ་མོ། །
|