5966

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:23, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱེ་མ
Tibetan Definition ས་རྡོ་ཞིབ་མོར་སོང་བའི་རྡུལ། སྒྲ་བཤད་ནི། ཆ་ཤས་ཕྲ་བའམ་ཞིབ་ཞིབ་ཡིན་པའི་ཆ་ནས་ཕྱེ་མའམ་བྱེ་མ་ཞེས་བཏགས། སྤྱིར་བྱེ་མ་དང་ཕྱེ་མ་གཉིས་ལ་གོ་དོན་མི་འདྲ་བ་ཡོད་རུང་། ཚིག་གི་ཐད་ཀའི་གོ་དོན་ཆ་ཤས་ཕྲ་བའི་ཆ་ནས་བཏགས་པ་འདྲ་བ་ཡིན་ནོ། །ཁུ་ནུ་བླ་མའི་ངག་སྒྲོན་འགྲེལ་པར། བྱེ་མ་ཕྱེ་མ་ཞེས་བྱེ་མའི་དོན་ཕྱེ་མ་ལ་འགྲེལ་འདུག་པས་སོ། །བྱེ་དང་ཕྱེ་གཉིས་བྱེད་པ་པོ་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་ཙམ་ལས་དོན་གཅིག་པར་ཤེས་ན། བྱེ་བྲག་སོགས་ལའང་དམིགས་བསལ་གྱི་གོ་བ་ལོན་པར་འགྱུར་རོ། །