From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བྲན་ཁ
|
| Tibetan Definition
|
ཇོ་བོ་ཨ་ཏི་ཤ་འཕན་ཡུལ་ལེན་པ་སྤྱིལ་པུར་ཕེབས་སྐབས་སུ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒོ་ནས་དམ་ལ་བཞག་པའི་བྲན་ཁ་ཞེས་པ་ནི། མངའ་བདག་ཁྲི་རལ་གྱི་བློན་པོ་ཆོས་ལ་དཀར་བ་བྲན་ཁ་དཔལ་གྱི་ཡོན་ཏན་ཁྲིམས་ལ་སྦྱར་བས་མི་མིན་དུ་སྐྱེ་བ་བླངས་པ་དེ་ཡིན། འདི་ཤིན་ཏུ་གདུག་རྩུབ་ཅན་དུ་གྲགས་ཤིང༌། བོད་སྤྱི་ལ་དབང་བའི་རྗེ་བོ་མི་འོང་པ་འདི་ཡིས་བྱས་པར་ཆོས་བྱུང་རྣམས་ལས་ཡང་ཡང་གསུངས་སོ། །ཞེས་ཀློང་རྡོལ་བླ་མ་གསུངས་པ་ལྟར་རོ། །
|