6060

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:23, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ
Tibetan Definition 1 དགེ་བའི་བཤེས་གཉེན་ལ་ཟེར། ཡང་ན་བླ་མའི་མཚན་ཉིད་ནི། སྒྲུབ་པས་མཉེས་ཀྱི་ཟང་ཟིང་ལ་ཅུང་ཟད་ཙམ་ལའང་མི་ལྟ་བ་ཞིག་ལ་བླ་མ་ཟེར་བ་ཡིན། དེ་ལས་ལྡོག་པས་རྣམ་གྲོལ་སྒྲུབ་པའི་བླ་མ་མི་འོང་གསུང་ངོ༌། །ཞེས་ཤ་ར་བའི་གསུང་སྒྲོས་རྗེའི་ལམ་རིམ་དུ་དྲངས་པ་ལྟར་རོ། །ཡང་ན་གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། སློབ་མའི་བློ་སྣ་གོང་ནས་གོང་དུ་འཁྲིད་པར་བྱེད་པ་ལ་བླ་མ་ཟེར་རོ། །སྒྲ་བཤད་ནི། ཡོན་ཏན་གྱི་སྒོ་ནས་སྐྱེ་དགུ་རྣམས་ཀྱི་བླ་མ་སྟེ་གོང་མར་གྱུར་པས་ན་དེ་སྐད་ཅེས་བྱའོ། །བླ་མའི་སྐད་དོད་གུ་རུ་ཞེས་པ་གོང་མ་ལྕི་བ་བརླིང་བ་བཅས་ལ་འཇུག་པར་བཤད་པས། ཡོན་ཏན་གྱི་སྒོ་ནས་གཞན་ལས་ལྷག་པའམ་ཁྱད་པར་དུ་འཕགས་པས་ན་གོང་མ། ཡོན་ཏན་གྱི་ཚོགས་ཧ་ཅང་ཆེ་བས་ན་ལྕི་བ། ཆགས་སྡང་སོགས་ཀྱིས་གཡོ་བར་མི་ནུས་པས་ན་བརླིང་བའོ། །བླ་མ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། (དགེ་ལུགས) གང་ཟག་བླ་མ། སྣང་བ་བླ་མ། བདེ་སྟོང་བླ་མ་དང་གསུམ་མོ། །བདེ་བ་ཆེན་པོས་ཞི་མཐའ་ལས་འཛིན་ཅིང༌། སྟོང་པས་སྲིད་མཐའ་ལས་འཛིན་པས་དེ་ལ་བླ་མའམ་ཡོངས་འཛིན་ཅེས་བྱའོ། །དངུལ་ཆུའི་གསུང་ལ་གཞི་བྱས། (བཀའ་བརྒྱུད) བླ་མ་ལ། གང་ཟག་བརྒྱུད་པའི་བླ་མ། (དངོས་རྒྱུད་ཀྱི་བླ་མ་ལྟ་བུ) བདེ་གཤེགས་བཀའི་བླ་མ། (ཐེག་པ་ཆེ་ཆུང་གི་སངས་རྒྱས་ཀྱི་བཀའ་རྣམས་འགལ་མེད་གདམས་ངག་ཏུ་འཆར་བ་ལྟ་བུ) སྣང་བ་བརྡའི་བླ་མ། (འབྱུང་བ་དང་འབྱུང་འགྱུར་སོགས་ཕྱི་ནང་གི་དངོས་པོ་ཐམས་ཅད་ལྟ་བུ) དོན་དམ་ཆོས་ཉིད་ཀྱི་བླ་མ་ (དོན་དམ་པའི་ཆོས་ཉིད་རྟོགས་པ་ལྟ་བུ) དང་བཞིའོ། །