From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བླ་མཚོ
|
Tibetan Definition
|
གཤན་རབས་བོན་གྱི་བཤད་སྲོལ་ལ། ཡུལ་གྱི་རྒྱལ་པོ་དང་བློན་པོ་སོགས་ཀྱི་བླ་སྲོག་དར་རྒུད་ཀྱི་རྟགས་སྟོན་པའི་མཚོ་དམིགས་བསལ་ཅན་ཞིག་ལ་མཁས་པ་རྣམས་ཀྱིས་བཤད། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་དུ་ལྷ་མོའི་བླ་མཚོར་མཚོ་མཇལ་ལ་ཕེབས་སྐོར་དང་དེར་ཡ་མཚན་གྱི་རྟགས་ཇི་ལྟར་བྱུང་ཚུལ་སོགས་དམ་པ་དེ་ཉིད་ཀྱི་རང་རྣམ་ན་གསལ། ྋརྒྱལ་དབང་ལྔ་པའི་རང་རྣམ་དཱུ་ཀུ་ལའི་གོས་བཟང་དེབ་དང་པོ་༡༢༧ལས། སྤྱན་རས་གཟིགས་ཀྱི་མཚོ་ནས་སེར་འབྲས་དགེ་གསུམ་དང་ལྷ་ས་གསལ་པོ་བསྟན་བྱུང་བས་ཐམས་ཅད་ཡ་མཚན་ཞིང་སྟར་སྡོང་མགྲོན་གཉེར་ཧ་ལས་དྲགས་ཏེ་ལབ་རྒྱུའང་མི་འདུག སྒྲོལ་མ་དཀར་སྔོན་གྱི་མཚོ་ནས་གོང་ཡུལ་ཐོར་རེ་བ་བསྟན། རྟ་མགྲིན་གྱི་མཚོར་ཟླ་བོ་རྣམས་ལ་ནི་མ་བྱུང་ཟེར་བདག་གིས་མཐོང་སྣང་ལ་མཁར་དམར་པོ་ཐོག་གསུམ་པ་སྤེལ་སྤེལ་ཞོལ་ཅན་སྒོ་སྒེ་ཁུང་མེད་པ་ཞིག་བྱུང༌། ཞེས་དང༌། དུ་ཀཱུ་ལའི་གོས་བཟང་དེབ་དང་པོའི་༡༤༦ལས། རྟ་རྒོད་ཤེལ་ལྕགས་རི་རྒྱུད་ཀྱི་ལ་ཁར་དཔལ་གསང་བ་འདུས་པའི་བླ་མཚོ་འདུག་པ་མཇལ། གནོད་སྦྱིན་ཆེན་པོ་གངས་ལས་ཆུ་གློ་བུར་དུ་རྡོལ་བ་གནས་སྲུང་དགྱེས་པའི་མཚན་མར་མཐོང༌། ཞེས་གསལ། གཞན་ཡང་རྣལ་འབྱོར་མའི་བླ་མཚོ་སོགས་ཆེས་མང་པོ་ཡོད་པར་སྣང་ངོ༌། །
|