From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བླའི་གྲྭ
|
Tibetan Definition
|
བློན་པའི་ཚོགས་ཀྱི་མིང་། བསྟན་དར་ལྷ་རམས་པས། རྒྱལ་པོས་བརྐོས་པའི་ལས་བྱེད་པའི་གྲྭ་སྟེ་བློན་པོའི་ཚོགས་སོ། །ཞེས་གསུངས་པ་ལྟར་རོ། །བླའི་གྲྭ་ཞེས་པའི་ཚིག་འདིའི་ཐད་ཀའི་གོ་དོན་ནི། གཙོ་བོའི་ཚོགས་ཞེས་པ་ཡིན་ལ། དེ་ཡང་བླ་ནི་ལེགས་སྦྱར་གྱི་ “པ་ཏི” ཞེས་པ་དེ་ཡིན་ལ། དེ་ནི་གཙོ་བོ་དང་བདག་པོ་སོགས་ཀྱི་དོན་ཡིན་ཞིང་། གྲྭ་ནི་འདིར་སྡེ་ཚན་ནམ་ཚོགས་པའི་མིང་ངོ༌། །དཔེར་ན་པ་ཏི་ཞེས་པ་བླའི་དོན་ཡིན་པའི་ཚུལ་ནི། ལེགས་སྦྱར་གྱི་ན་ག་ར་པ་ཏི་ཞེས་པ། གྲོང་ཁྱེར་གྱི་བླ་ཞེས་བསྒྱུར་བ་བཞིན་ནོ། །བོད་རྒྱ་ཚིག་མཛོད་ཆེན་མོར། བླའི་གྭ། ཞེས་གསལ་ཞིང་དེའི་འགྲེལ་བཤད་ལ། བློན་པོའི་ཚོགས་ས། ཞེས་སྣང་བ་ནི་བླའི་གྲྭདང༌། བློན་པོའི་ཚོགས་སོ་ཟེར་རྒྱུར་སྣང་བས་ཡིག་ནོར་ཡིན་པར་ངེས་སོ། །བླའི་གྲྭ་ཞེས་པའི་ཐ་སྙད་འདི་འདུལ་བ་ན་སྣང་ངོ༌། །སེ་ར་བྱེས་པའི་བྱ་སྡོམ་དུའང༌། འོག་ཟུར་ཡུལ་མི་བླའི་གྲྭ་རྒྱལ་པོས་བསྐོས། །ཞེས་ཀྱང་གསུངས་སོ། །
|