6166

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:23, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ཆགས་པ
Tibetan Definition དགེ་བ་བཅུ་གཅིག་གི་བཞི་པ་ནི། སྲིད་པའི་ཡོ་བྱད་ལ་དམིགས་ནས་དེ་ལ་ཆགས་པའི་དངོས་ཀྱི་གཉེན་པོ་བྱེད་ཅིང༌། དེ་ལ་ཡིད་འབྱུང་ནས་མ་ཆགས་ཤིང་མི་ལེན་པའི་རབ་ཏུ་ཕྱེ་བའི་སེམས་བྱུང་ངོ༌། །མ་ཆགས་པ་ཞེས་པའི་ཚིག་འདི་ལ་ཐེག་པ་ཆེ་ཆུང་དང་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་གནད་མཐའ་དག་འདུས་པ་ཡིན་ཏེ། མ་ཆགས་ཞེས་པ་འཁོར་བ་ལ་མ་ཆགས་པ་ལ་སྦྱར་ན་ཐེག་པ་ཆུང་ངུའི་ལམ་དང༌། བདག་དོན་ལ་མ་ཆགས་པ་ཞེས་ན་ཐེག་པ་ཆེན་པོའི་ལམ་བསྟན་ཏོ། །ཡང་ཚེ་འདི་ལ་མ་ཆགས་པ་ཞེས་པས་སྐྱེས་བུ་ཆུང་ངུའི་ལམ་རིམ། འཁོར་བ་ལ་མ་ཆགས་ཞེས་པས་སྐྱེས་བུ་འབྲིང༌། བདག་དོན་ལ་མ་ཆགས་ཞེས་པས་སྐྱེས་བུ་ཆེན་པོའི་ལམ་རིམ་བསྟན་ཏོ། །