6188

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:23, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ནིང་ཕོ
Tibetan Definition (འདུལ་བ) ཕོ་མོ་གང་གི་དབང་པོ་དང་མི་ལྡན་ལ། ཁ་སྤུ་སྐྱེས་པ་དང་སྐད་སྦོམ་པ་ལ་སོགས་པའི་ཕོའི་རྣམ་པ་ཅུང་ཟད་དང་ལྡན་པའི་མ་ནིང་ལ་ཟེར། འདི་ལ་ཕོ་མ་ནིང་ཡང་ཟེར། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་༼ འུ ༽ ༡༦༢བ༡ལས། གང་ལ་ཕོའི་དབང་པོ་ཡང་མེད། མོའི་དབང་པོ་ཡང་མེད་ལ་ཁ་སྤུ་ལ་སོགས་པས་སྐྱེས་པའི་རྣམ་པ་ཅུང་ཟད་བརྟེན་པ་སྟེ། དེ་ནི་མ་ནིང་ཕོ་ཞེས་བྱའོ། །ཞེས་གསུངས་སོ། །