From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མ་བྱིན་ལེན་གྱི་ཕམ་པ
|
Tibetan Definition
|
(འདུལ་བ) མ་བྱིན་ལེན་གྱི་ཕམ་པའི་ངོ་ཏི་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་ཁང་ཁྱིམ་གྱི་ཆེད་དུ་རྒྱལ་པོ་མ་སྐྱེས་དགྲའི་ཤིང་བརྐུས་པ་ན་རྒྱལ་པོ་གཏུམ་ཞིང་ཁོང་ཁྲོ་ཆེ་བས་དགེ་སློང་ནོར་ཅན་བཟུང་སྟེ་གསོད་གྲབས་བྱས་ཤིང་། ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་ཉེན་བརྡ་དང་བཅས་བཏང་བ་ལ་བརྟེན་ནས་མ་བྱིན་པར་ལེན་པའི་ཕམ་པར་བཅས་ཤིང་། དེའི་ཚེ་རྒྱལ་པོས་མ་ཤ་ཀའམ་དེ་ལས་ལྷག་པ་བརྐུས་ན་ཡན་ལག་གཅོད་ཅིང་སྲོག་དང་འབྲལ་བར་བྱེད་དོ་ཞེས་དྲིལ་ཀྱང་བསྒྲགས་སོ། །ཐུན་མོང་གི་དགག་བྱ་ནི། ངན་སོང་དུ་ལྟུང་བ། གཞན་མ་དད་པ་སྐྱེ་བ། ལས་དང་ལམ་ལ་སྒྲིབ་པའོ། །ཐུན་མོང་མ་ཡིན་པའི་དགག་བྱ་ནི། མ་བྱིན་པར་ལེན་པའི་བྱ་བ་དང་འབྲེལ་ན་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །མ་བྱིན་ལེན་གྱི་ཕམ་པའི་སྐོར་ལུང་རྣམ་འབྱེད་༼ ཅ་པ ༽༥༢བ༥ན་བཞུགས་སོ། །
|