From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མ་ཡི་འོད་གསལ
|
Tibetan Definition
|
ཐ་མལ་པའི་འཆི་བ་འོད་གསལ་ལ་ཟེར་ཏེ། དེ་ནི་འཆི་དུས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་འོད་གསལ་དེ་ལ་མ་ཡི་འོད་གསལ་ཞེས་བྱ་སྟེ། འཛམ་བུ་གླིང་པའི་མི་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཚེ་སྙིང་གར་རང་ཤུགས་ཀྱིས་རླུང་འདུ་བའི་གནད་ཀྱིས། འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ཞིང༌། དུས་དེར་ཤར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་པར་གསུངས་སོ། །
|