From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མ་ཤ་ཀ
|
Tibetan Definition
|
(འདུལ་བ) (ལེགས་སྦྱར) 1 འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་ཚད། མ་ཤ་ཀ་དང་། པ་ཎ་གཉིས་མིང་གི་རྣམ་གྲངས་ཡིན་པར་མཚོ་ཊཱིཀ་མཆན་བུ་ལས་གསུངས་ཤིང་། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་ཊཱི་ཀ་སྟེ་མདོ་རྩའི་རྒྱ་ཆེར་འགྲེལ་པའི་དཔེ་ཁ་ཅིག་ལས། དེང་སང་ནི་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་ལ། ཞེས་འབྱུང་ལ། དེའི་དཔེ་ཁ་ཅིག་ཏུ། དེང་སང་ནི་མ་ཤ་ཀ་བཞི་བརྐུས་ན་ཕམ་པར་འགྱུར་ལ། ཞེས་འབྱུང་བས་ཀྱང་དེ་གཉིས་དོན་གཅིག་ཡིན་པར་ནུས་སོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལ་གཞི་བྱས། 2 སྲན་མའི་བྱེ་བྲག་ཅིག 3 གསེར་གྱི་ལྗིད་ཚད་ཅིག
|