6260

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ཧེ
Tibetan Definition <མ་ཧིརྵ> སྤུ་མེད་པའི་རྒྱ་གར་གྱི་སྒོ་ཕྱུགས་ཀྱི་གྲས་ཤིག མ་ཧེ་ཞེས་པ་ལེགས་སྦྱར་གྱི་ “མ་ཧིརྵ” ཟུར་ཆག་པར། ལི་གུར་དུ་གསུངས་པ་ལྟར་རོ། །ཐ་སྙད་འདི་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ། ལེགས་སྦྱར་གྱི་ཚིག་མཛོད་འགའ་ཞིག་ཏུ། མ་ཧི་ས་Mahisa ཞེས་སྣང་། རྒྱ་གར་ཡུལ་སྐད་དུ་བྷཻཾས་ “ भैंस ” ཡང་ན། བྷཻཾསཱ “ भैंसा ” ཟེར། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་༨༨ལས། འཇིགས་པ་བཅུ་པ་རྡུལ་ལྡན་མིག །ཆུར་འདྲེས་ས་ཉལ་རྟ་ཡི་དགྲ །གཤིན་རྗེའི་བཞོན་པ་རལ་པ་ཅན། །ཁྱུ་མཆོག་མིག་དམར་མ་ཧེའོ། །ཞེས་གསུངས་པ་ལྟར་རོ། །