From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཁན་པོ
|
Tibetan Definition
|
(འདུལ་བ) <ཨུ་པ་དྷས> 1 བསྒྲུབ་བྱ་ཡུལ་གྱིས་མཁན་པོར་གསོལ་བ་ལན་གསུམ་བཏབ་པའི་མཐར་མཁན་པོར་ཁས་བླངས་པ། མཁན་པོའི་དོན་ཡིན། སཾ་སྐྲྀ་ཏའི་སྐད་དུ། ཨུ་པ་དྷ་ས་ཞེས་པ་སྐད་ཀྱི་བྱིངས་ཡིན་ཏེ། དེ་ནི་མཁན་པོ་ཙམ་ལ་འཇུག་གོ། ཨུ་པ་དྷ་ས་ཞེས་པ་དེ་ལ་སྒྲའི་རྐྱེན་བྱིན་པས། ཨུ་པ་དྷ་ར། ཨུ་པ་ཡ་ཧསྟི། ཨུ་པ་དེ་ཤ་ཏི་ཞེས་པ་སྟེ། རིམ་པ་བཞིན། ཉེ་བར་འཛིན་པ། ཉེ་སྦྱོར། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱའོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་བཀོད། བུ་རིན་པོ་ཆེའི་འདུལ་བའི་ལག་ལེན་གྱི་ཆོ་ག་དྲི་མ་མེད་པའི་ཕྲེང་བ་༦བ༢ལས། མཁན་པོའི་དོན་ཡང་། འདིའི་ཐད་དུ་ཉེ་བར་སོང་སྟེ་ཀློག་པས་ན། མཁན་པོ་སྟེ། བསླབ་པ་རྣམས་ཀློག་པའམ། ཀློག་ཏུ་འཇུག་པས་ན་མཁན་པོ། དགག་སྒྲུབ་གནང་གསུམ་གསུམ་གྱི་བསླབ་པ་ཉེ་བར་ལུང་འབོགས་པའམ་སྟོན་པར་བྱེད་པ་དང་། ཕ་དང་བུའི་འདུ་ཤེས་ཀྱིས་བརྩེ་བས་དམན་པའི་གནས་སུ་ལྟུང་བ་ལས་ཉེ་བར་འཛིན་པ་དང་། དངོས་སུ་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར། བརྒྱུད་ནས་མྱ་ངན་ལས་འདས་པ་ལ་སྦྱོར་བར་བྱེད་པས་ན། མཁན་པོ་སྟེ། ཞེས་སོགས་གསུངས་སོ། ། 2 གྲྭ་ས་གྲྭ་ཚང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདུལ་བ་ནས་བཤད་པའི་མཁན་པོའི་དོད་ལྟ་བུའི་མིང་།
|