From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཁྱིད
|
Tibetan Definition
|
ཁུ་ཚུར་བཅངས་པའི་སྟེང་དུ་མཐོ་བོང་བགྲད་དེ་བཞག་པ་སྟེ། སོར་ལྔའི་ཚད་དོ། །དབྱངས་ཅན་དགའ་བློའི་ཤིང་གི་བསྟན་བཅོས་ཀྱི་བརྡ་བཀྲོལ་ལས་སོར་བདུན་གྱི་ཚད་ལ་བཤད་ཅིང་། ཡང་བསྟན་དར་ལྷ་རམས་པས། མཁྱིད་གང་ནི་མཐེ་བོང་བསྒྲེང་བཞིན་པའི་མཐེའུ་ཆུང་ནས་མཐེ་བོང་གི་རྩེའི་བར་གྱི་ཚད་དུ་བཤད་དོ། །འདི་ལ་མཁྱིད་དང་། འཁྱིད་དང་། མཁྱུད་ཅེས་དག་ཆ་མི་འདྲ་བ་གསུམ་ཙམ་སྣང་ངོ་། །
|