From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ
|
Tibetan Definition
|
(དགེ་ལུགས) མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་གདུགས་ཁ་གྱེན་དུ་བསླང་བ་ལྟ་བུ། དེ་ནི་མགྲིན་པའི་ཨོལ་མདུད་ཀྱི་ཐད་ཀྱི་དབུ་མ་ལས་ཕྱོགས་བཞིར་བཞི། དེ་ལས་བརྒྱད། དེ་རེ་རེ་ལས་གཉིས་གཉིས་གྱེས་པས་རྩ་འདབ་བཅུ་དྲུག་པའོ། །སྒྲ་བཤད་ནི། ལུས་ཀྱི་མགྲིན་པ་ན་གནས་ནས་བཟའ་བཏུང་ལ་ལོངས་སྤྱོད་ཅིང་རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་དེ་སྐད་ཅེས་བྱའོ། །ཡང་ན། སྤང་བྱ་མི་མཐུན་ཕྱོགས་འཇོམས་པས་འཁོར་ལོ་ཞེས་བྱའོ། །(བཀའ་བརྒྱུད) སྒྲ་བཤད་ནི། གནད་དུ་བསྣུན་པས་རྨི་ལམ་གྱི་གནས་སྐབས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་ཞིང་སྤང་བྱ་མི་མཐུན་ཕྱོགས་འཇོམས་པར་བྱེད་པའི་དོན་གྱིས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱའོ། །ཞེས་འབྱུང་།
|