6418

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མངོན་སུམ་འགྲོས་གསུམ་པ
Tibetan Definition ཡིད་མངོན་སྐྱེ་བ་ན་མངོན་སུམ་མི་འདྲ་བ་ཇི་ཙམ་ཞིག་དུས་མཉམ་དུ་སྐྱེ་བ་ཡིན་ཞེ་ན། དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ་ལ། དེའི་རྗེས་སུ་དབང་མངོན་སྐད་ཅིག་གཉིས་པ་དང་ཡིད་མངོན་སྐད་ཅིག་དང་པོ་གཉིས་དུས་མཉམ་དུ་སྐྱེ་བས། ཕྱིར་ལྟ་དོན་རིག་གི་འགྲོས་གཉིས་དང་། དེ་གཉིས་ཉམས་སུ་མྱོང་བའི་རང་ལྟ་རང་རིག་གི་འགྲོས་གཅིག་སྟེ་མངོན་སུམ་མི་འདྲ་བ་གསུམ་དུས་མཉམ་དུ་སྐྱེའོ། །མངོན་སུམ་འགྲོས་གསུམ་པའི་ཐ་སྙད་འདི། ཆོས་རྗེ་ས་པཎ་གྱི་རིགས་གཏེར་ལས་གསུངས་པ་ལ། མཁས་གྲུབ་ཆོས་རྗེས་སྡེ་བདུན་ཡིད་ཀྱི་མུན་སེལ་དང་། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་གཉིས་ཀར་འཐད་ཕྱོགས་སུ་མཛད། མདོར་བསྡུས་ཏེ་བཤད་ན། ཡིད་མངོན་སྐྱེ་བ་ན། དབང་ཡིད་གཉིས་དང་། དེ་གཉིས་ཉམས་མྱོང་གི་རང་རིག་སྟེ་གསུམ་དུས་མཉམ་དུ་སྐྱེའོ་ཞེས་པའོ། །འོན་ཀྱང་རྗེ་དགེ་འདུན་གྲུབ་པས། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པ་དང་། སྤེལ་མར་སྐྱེ་བ་དང་། འགྲོས་གསུམ་པ་དང་། རྒྱན་མཁན་པོའི་ལུགས་ཀྱི་ཡིད་མངོན་སྐྱེ་ཚུལ་རྣམས་མི་འཐད་པར་བསྒྲུབས་ནས། མཐའ་གཞན་འགོག་པའི་རིགས་པས། ཡིད་མངོན་དེ་དབང་མངོན་གྱི་རྒྱུན་མཐར་སྐྱེ་བར་བཞེད་དོ། །འདིའི་འགྲོས་གསུམ་པ་ཞེས་པ། དང་པོ། གཉིས་པ། གསུམ་པ་ཞེས་པའི་གྲངས་ཀྱི་རིམ་པ་སྟོན་པའི་ཚིག་མ་ཡིན་གྱི། གསུམ་དང་ལྡན་པ་ཞེས་པའི་དོན་ཏེ། དཔེར་ན་ཤིང་ལོ་མ་བདུན་པ་ཞེས་པ་བཞིན་ནོ། །