From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཆིལ་པ
|
Tibetan Definition
|
1 (བརྡ་རྙིང) ཉ་འཛིན་བྱེད་ཀྱི་ལྕགས་ཀྱུའི་མིང་། དཔེར་ན་ཉ་མཆིལ་ཞེས་པ་ལྟ་བུ། འདུལ་བ་ལུང་གཞིའི་རྒྱ་ཆེར་འགྲེལ་ལས། མཆིལ་པ་ཞེས་བྱ་བ་ནི། སྨྱིག་མའི་རྩེ་མོ་ལ་ཐ་གུ་རིང་པོ་བཏགས་པའི་སྣ་ལ་ལྕགས་ཀྱོ་རྩེ་རྣོན་བཏགས་པའོ།།ཞེས་གསུངས་པ་ལྟར་རོ། །ལྕགས་ཀྱུ་ཡུ་བ་ཅན་ཟེར་བ་དེ་འདི་རང་ལ་ཟེར་བ་ཡིན་འདུག འདི་དེང་སང་གི་རྒྱུག་པ་རིང་པོའི་རྩེ་ལ་ལྕགས་ཀྱུ་བཏགས་པའི་ཉ་འཛིན་བྱེད་དེའི་མིང་ཡིན། དབྱིན་སྐད་དུ་fishing rod ཟེར་བ་དེའོ། །
|