6467

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཆོག་གི་སྤྲུལ་སྐུ
Tibetan Definition ལོངས་སྐུས་བདག་རྐྱེན་བྱས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་སྤྲུལ་སྐུ་ལ། མཆོག་གི་སྤྲུལ་སྐུ་ཟེར། རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། ལོངས་སྐུས་བདག་རྐྱེན་བྱས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་པའི་སྐུ་ཞེས་སོགས་གསུངས་པའི་ཕྱིར་རོ། ། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཉིད་མཆོག་གི་སྤྲུལ་སྐུའི་རྣམ་པར་འཆར་བ་ཡིན་གྱི། བེམ་པོས་བསྡུས་པའི་རྡུལ་ཕྲ་རབ་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་དེ། དེ་ཉིད་ལས། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདགས་པའི་གཞིར་བྱས་ནས་གཟུགས་ཀྱི་སྐུར་རྣམ་པར་བཞག་པ་ཡིན་གྱི། བེམ་པོས་བསྡུས་པའི་རྡུལ་ཕྲ་རབ་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །རྒྱུད་བླར། ཇི་ལྟར་བཻཌཱུརྱའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་བཞིན། །དེ་བཞིན་འགྲོ་བའི་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་ལྟར། བཻཌཱུརྱའི་ས་གཞི་གཙང་མ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་བཞིན་དུ། གདུལ་བྱ་ལས་དག་པའི་མིག་ཤེས་ལ་གཟུགས་སྐུའི་སྣང་བ་ཤར་བ་ཡིན་པའི་ཕྱིར་རོ། །