6485

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཆོད་པ་བཞི
Tibetan Definition ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞི། གླིང་སོགས་རྒྱུད་ཀྱིས་མ་བསྡུས་པའི་མཆོད་རྫས་འབུལ་བ་ནི། ཕྱིའི་མཆོད་པའོ། །ཤ་ལྔ་བདུན་རྩི་འབུལ་བ་ནི། ནང་གི་མཆོད་པ། སྐྱབས་ཡུལ་ལ་ཕྱག་རྒྱ་མ་ཕུལ་ཏེ་དེ་དང་སྙོམས་པར་ཞུགས་ནས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བས་ཚིམ་པར་མཛད་པ་གསང་བའི་མཆོད་པ། དེ་ཁོ་ན་ཉིད་དམ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་མཉམ་པར་བཞག་ལ། དེ་ལྟ་བུའི་མཉམ་བཞག་གི་རྟོགས་པ་སྐྱབས་ཡུལ་ལ་འབུལ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །བླ་མཆོད་ལྟར་བྱས་ན། བྱེ་བ་ཕྲག་བརྒྱའི་གླིང་བཞི་ཞེས་སོགས་ཀྱིས་ཕྱིའི་མཆོད་པ། ལྕགས་ཀྱུ་ལྔ་དང་སྒྲོན་མེ་ཞེས་སོགས་ཀྱིས་ནང་གི་མཆོད་པ། ཡིད་འོང་ལང་ཚོའི་ཞེས་སོགས་ཀྱིས་གསང་བའི་མཆོད་པ། སྒྲིབ་བྲལ་ལྷན་སྐྱེས་ཞེས་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་བཅས་སོ། །