6488

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཆོད་པར་བྱ་བ
Tibetan Definition རི་མོར་བྱ་བ། བསྙེན་བཀུར་བྱ་བ་སོགས་ཀྱི་ཁྱད་པར། སྤྱིར་རྗེད་པར་བྱ་བ། མཆོད་པར་བྱ་བ། རི་མོར་བྱ་བ། བསྙེན་བཀུར་བྱ་བ། བཀུར་སྟི་བྱ་བ། བླ་མར་བྱ་བ་རྣམས་དོན་འདྲ། ནང་གསེས་ཀྱི་ཁྱད་པར་ནི། བརྒྱད་སྟོང་འགྲེལ་ཆེན་ལས། རྗེད་པར་བྱ་བ་ནི། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕུ་དུད་བྱེད་པའོ། །མཆོད་པར་བྱ་བ་ནི། མཆོད་པ་ཆུང་ངུ་། རི་མོར་བྱ་བ་ནི། མཆོད་པ་འབྲིང་། བསྙེན་བཀུར་བྱ་བ་ནི། མཆོད་པ་ཆེན་པོ་དང་། བཀུར་སྟི་བྱ་བ་ནི། དར་དཔྱངས་ལ་སོགས་པ་བཅིངས་ནས་ཁྱད་པར་འཕགས་པའི་གནས་ལ་འཇོག་པ་དང་། བླ་མར་བྱ་བ་ནི། རྣམ་པ་ཐམས་ཅད་དུ་འདའ་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བཤད་པ་ལྟར་རོ། །