From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཎྜལ་ཉེར་གསུམ་མ
|
Tibetan Definition
|
རི་རབ། གླིང་བཞི། གླིང་ཕྲན་བརྒྱད། ཉི་ཟླ་གཉིས་ཏེ་བཅོ་ལྔ། ༡༥ དེ་ནས་རྒྱལ་སྲིད་སྣ་བདུན། ༧ དེའི་སྟེང་གཏེར་ཆེན་པོའི་བུམ་པ་༡བསྣན་ཏེ་བརྒྱད་དེ། བསྡོམས་པའི་ཉེར་གསུམ་མོ། །མཎྜལ་ཉེར་གསུམ་མ་འདི་པཎ་ཆེན་ནཱ་རོ་པ་དང་སློབ་དཔོན་ཨ་བྷྱ་ཀ་ར་སོགས་རྒྱ་གར་གྲུབ་ཆེན་མང་པོའི་ཕྱག་བཞེས་ཡིན་ཞིང་། རྗེ་བདག་ཉིད་ཆེན་པོ་ནས་བཟུང་དབེན་ས་བ་ཡབ་སྲས་ཀྱང་སྙན་བརྒྱུད་ཀྱི་གདམས་པ་མང་པོ་རྣམས་ལ་བཤད་སྒྲུབ་བྱེད་པའི་ཚེ་མཎྜལ་ཉེར་གསུམ་མ་སྔགས་དང་བཅས་པ་འདི་ཉིད་གཙོ་བོར་མཛད་པར་བཤད་དོ། །
|