From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཐའ་གཅིག་ཏུ
|
Tibetan Definition
|
1 ཕྱོགས་གཅིག་ཏུ། ཕྱོགས་གཅིག་རང་ལ། ཕྱོགས་གཅིག་ཁོ་ན་ལ། རྩེ་གཅིག་ཏུ། ཐེ་ཚོམ་མེད་པ་བཅས་ཀྱི་དོན། རྗེའི་ལམ་རིམ་ཆེན་མོ་ལས། ཆེན་པོ་རྣམས་ཀྱི་ངང་ཚུལ་ནི་གཞན་གྱི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། མཐའ་ཞེས་པ་འདིར་ཕྱོགས་ལ་འཇུག་པས། ཕྱོགས་གཅིག་ཏུའམ། ཕྱོགས་གཅིག་རང་ལ་ཞེས་པའི་དོན་ཏེ། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་གསུངས་པ་ལྟར་མཐའི་སྒྲ་འཇུག་ཡུལ་མང་དུ་ཡོད་པ་ལས། འདིར་ཕྱོགས་ལ་འཇུག་སྟེ། དཔེར་ན་འགྲོ་ཡུལ་ལ་ཤར་ནུབ་སོགས་ཀྱི་ཕྱོགས་མང་དུ་ཡོད་ཀྱང་གཞན་ལ་མི་འགྲོ་བར་རང་འགྲོ་དགོས་པའི་ཕྱོགས་གང་ཡིན་པ་དེ་ཁོའི་ཕྱོགས་སུ་འགྲོ་བ་ལྟ་བུ་ལ། མཐའ་གཅིག་ཏུ་འགྲོ་བ་ཟེར་བའི་ཕྱིར་རོ། །
|