From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཐོ་གང་གིས་མ་གླན་པའི་སྤང་པ
|
Tibetan Definition
|
(འདུལ་བ) སྤང་ལྟུང་སུམ་ཅུའི་བཅོ་ལྔ་པ། མཐོ་གང་གིས་མ་གླན་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་ལ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་སྟོན་པའི་མཐོ་གང་གིས་མ་གླན་པར་ལོངས་སྤྱད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ང་རྒྱལ་དང་དྲེགས་པ་སྐྱེ་བ་དང། རང་གི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །
|