From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཚང༌
|
Tibetan Definition
|
2 གསང་གནད། གསང་བའམ་ལྐོག་ཏུ་གྱུར་པའི་དོན། འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །ཅེས་ཀརྨ་པ་རང་བྱུང་ཞབས་ཀྱི་ཕྱག་ཆེན་སྨོན་ལམ་ལས་གསུངས་པ་ལྟར་རོ། །ཆོས་ཉིད་ཀུན་གཞིའི་མཚང་ཞེས་པ་དང༌། སྤྱོད་འཇུག་ལས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་གྱི་ནར་འཁྱམ། །ཞེས་གསུངས་པའི་སེམས་ཀྱི་གསང་བ་དང་རྣམས་དོན་འདྲ།
|