6729

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་བརྗོད་པར་དཀའ་བ
Tibetan Definition རང་གི་རྩ་བའི་བླ་མ་སོགས་སྐྱེས་ཆེན་དམ་པ་སྐུ་གཤེགས་ཟིན་པ་རྣམས་ཀྱི་མཚན་ནས་སྨོས་དགོས་ན། འགོ་བརྗོད་དུ། གུས་ཞབས་མཚོན་བྱེད་དུ། “བདག་གི་དྲིན་ཆེན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་དང” ཞེས་བརྗོད། བླ་མ་སྐུ་འཚོ་བཞུགས་རྣམས་ལ། ཆེ་བརྗོད་དུ། “དོན་གྱི་སླད་དུ་མཚན་ནས་སྨོས་ན” ཞེས་སྨོས་པ་ལས། མཚན་བརྗོད་པར་དཀའ་བ” ཞེས་སྦྱོར་མི་རུང་།