6754

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་ཞིང༌
Tibetan Definition (ཕར་ཕྱིན) 1 མཚན་མོ་ཁ་ནས་མེ་འབར་བའི་ཡི་དྭགས་ཀྱི་རིགས་ཤིག རྗེའི་ལམ་རིམ་ཆེན་མོ་ལས། མཚན་ཞིང་ནི་མཚན་མོའི་ཚེ་ཁ་ནས་མེ་འབར་བའོ། །ཞེས་གསུངས་སོ། །བཤེས་སྤྲིངས་ལམ་རིམ་དུ་དྲངས་པ་ལས། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། ཟས་སུ་འབར་བའི་ཁར་བབས་བྱེད་པ་འཚལ། །ཞེས་གསུངས། དེའི་ཐད་ཀྱི་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་བཤེས་སྤྲིངས་ཀྱི་འགྲེལ་པ་༼ ངེ་པ ༽༡༠༢བ༦ལས། ཡི་དྭགས་ཁ་ཅིག་ནི་ཁ་ནས་འབར་བ་སྟེ། ཁ་གདངས་ན་མེ་འབར་བ་ལྟ་བུ་འབྱུང་བ་ཡིན་ནོ། །ཅི་ཉིན་པར་རམ་ཞེ་ན། མ་ཡིན་ཏེ་མཚན་ཞིང་ཞེས་བྱ་བ་སྨོས་ཏེ་ནུབ་མོ་ཞིང་ངོ་། །ཞེས་གསུངས། 2 མཚན་རེ་བཞིན། དཔེར་ན་ཉིན་རེ་ཞིང་མཚན་རེ་ཞིང་ཞེས་པ་ལྟ་བུ།