6939

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:26, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མི་རུང་བའི་ཚོན་ཆེན་བརྒྱད
Tibetan Definition (འདུལ་བ) འདུལ་བའི་སྐབས་མི་རུང་བའི་ཚོན་ཆེན་བརྒྱད་ནི། མཚལ། རྒྱ་སྐྱེགས། བཙོད། གུར་གུམ། མཐིང་ཤིང༌། (མཐིང་ཤིང་ནི། སྔོན་པོར་ཁ་བསྒྱུར་བའི་ཚོན་རྩིའི་ཤིང་གི་མིང) ལི་ཁྲིའམ་སིནྡྷུ་ར། རྨ་ཤིང༌། (རྨ་ཤིང་ནི། དམར་པོར་ཁ་བསྒྱུར་བའི་ཚོན་རྩིའི་ཤིང་ཞིག་ཡིན་སྙམ། ཞེས་དབྱངས་ཅན་དགའ་བློའི་དྲིས་ལན་མཁས་པའི་དགའ་སྟོན་༡༦བ༣ན་གསལ) ལེ་བརྒན་རྩི་དང་བརྒྱད་དོ། །ས་ག་ལྷས། རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །ར་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡྷུ་ར༌དང་གུར་གུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་གསུངས་སོ། །