From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ
|
| Tibetan Definition
|
(ཕར་ཕྱིན) 1 ས་བརྒྱད་པ་ཐོབ་པ་ལ་བྱ་སྟེ། ས་བརྒྱད་པ་ནས་ཉོན་མོངས་སྤངས་པས་ཉོན་མོངས་མི་སྐྱེ་བའི་གདེང་ཐོབ་པས་སོ། །རྗེའི་ལམ་རིམ་ཆེན་མོ་ལས། བྱང་སེམས་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པ་ནི། སྔར་བཞི་བརྒྱ་པའི་འགྲེལ་པ་དྲངས་པ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ལ་གསུངས་པས། ས་བརྒྱད་པ་ཐོབ་པ་ལ་བྱའོ། །ཞེས་གསུངས་སོ། །དེ་དང་མཐུན་པར་སྡེ་དགེ་བསྟན་འགྱུར་སྣ་ཚོགས་༼ ཇོ་པ ༽༡༩ན༡ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་ས་བརྒྱད་པ་ལ་སྤོང་བས་ས་དང་པོ་ཡན་ཆད་བདུན་པ་མན་ཆད་དུ་མ་སྤངས་པར་ཡོད་དེ། ཞེས་བཤད་དོ། །2 ས་དང་པོ་ཐོབ་པ་ལ་བཤད། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༧༡ ན༧ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ་ཞེས་བྱ་བས་ཡོན་ཏན་བསྟན་ཏེ། འཇིག་རྟེན་པའི་ཆོས་ཀྱི་ཕྱོགས་ལས་འདས་ནས་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས་ས་རབ་ཏུ་དགའ་བ་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །
|