From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| མིག་ཆག
|
| Tibetan Definition
|
ཤིང་རྟའི་འཁོར་ལོ་ཆག་པའི་དོན་ཡིན། ཚོམས་༢༥ལས། དཔེར་ན་བྱིས་པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་སུ། །ལན་ངན་དག་ཏུ་འགྲོ་བྱེད་པས། །མིག་ཆག་སེམས་ཁོང་ཆུད་པ་ལྟར། །ཞེས་གསུངས་སོ། །དེའི་ཐད་ཀྱི་ཚོམས་འགྲེལ་༼ ཏུ ༽༡༣༡ན༡ལས། མིག་ཆག་ཅེས་བྱ་བ་ནི་མིག་འདི་ལ་ཆག་པ་ཡོད་པ་ནི་མིག་ཆག་སྟེ། ཤིང་རྟའི་འཁོར་ལོ་ཆག་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །
|