From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མིང་ཚིག་བརྗོད་པ་གསུམ
|
Tibetan Definition
|
(བརྡ་སྤྲོད) དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ལ་མིང༌། དཔེར་ན་བུམ་པ་ཞེས་བརྗོད་པ་ལྟ་བུ། དོན་གྱི་ཁྱད་པར་སྟོན་པའི་སྒྲ་ལ་ཚིག དཔེར་ན་བུམ་པ་མི་རྟག་ཅེས་པ་ལྟ་བུ། ཚིག་མང་པོ་འདུས་པ་ལ་བརྗོད་པ་ཞེས་བྱའོ། །ཚིག་དང་ངག་གཉིས་མིང་གི་རྣམ་གྲངས་ལྟ་བུར་བཤད་དེ། མཆིམས་མཛོད་དེབ་གཟུགས་༡༨༡ལས། ངག་ནི་ཚིག་སྟེ་དོན་གྱི་ཁྱད་པར་སྟོན་པ་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་བ་སོགས་པ། ཞེས་གསུངས་སོ། །སི་ཏུ་འགྲེལ་ཆེན་གྱི་མཇུག་ཤོག་གྲངས་༢༠༠ལས། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན་ཞིང་། མིང་དེ་ཉིད་རྣམ་དབྱེའམ་ཕྲད་གང་རུང་དང་ལྡན་པས་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་རྣམས་ནི་ཚིག་དང་། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ། །ཞེས་གསུངས། རྟགས་འཇུག་རྩ་བ་ལས། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས་པའང་གནད་གཅིག་ཏུ་སྣང་ངོ་། །
|