From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མིའམ་ཅི
|
Tibetan Definition
|
<ཀིཾན་ར> མིའི་ལུས་པོ་ལ་རྟའི་གདོང་པ་ཅན་ལ་སོགས་པ་གླུ་དབྱངས་ཀྱི་རྩེ་བའོ། །ཞེས་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོའི་བ་མོ་༢༥༤ན༥ལས་གསུངས་སོ། །ཡང་ལུང་གཞིའི་འགྲེལ་པ་ལས། དུད་འགྲོ་མིའི་རྣམ་པ་ཅན་ཤིན་ཏུ་གཟུགས་བཟང་པོ་དང་ལྡན་པ་རྣམས་སོ། །ཞེས་གསུངས། ཡང་དུད་འགྲོའི་ཕྱོགས་གཅིག་འཕྲོག་མ་ལ་སོགས་པ། ཞེས་རྗེའི་གསུང་མདོ་རྩའི་ཟིན་བྲིས་ལས་གསུངས། ཀིཾན་ར་ཞེས་མིའམ་ཅིའི་སྐད་དོད་དུ། བུ་སྟོན་རིན་པོ་ཆེའི་དུས་ཀྱི་འཁོར་ལོའི་ཊཱི་ཀ་དང་། འཕགས་བོད་སྐད་གཉིས་ཤན་སྦྱར་སོགས་སུ་གསལ་ལོ། །
|