From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མུ་ཐུག
|
Tibetan Definition
|
(འདུལ་བ) བགོ་བཤའ་བྱེད་པའི་དོན་ཡིན། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༤ན༤ལས། མུ་ཐུག་ཅེས་བྱ་བ་ནི་འདི་ནི་ཁྱོད་ཀྱིའོ་འདི་ནི་ངའི་ཞེས་བགོ་བཤའ་བྱ་བའོ། །ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་༼ ག་པ ༽༢༦༡བ༧ལས། བདག་ཅག་ཚོགས་ཤིང་འདུས་ལ་ཞིང་གཞལ་ཏེ་མཚམས་བཅད་ལ་འདི་ནི་ཁྱེད་ཀྱིའོ། །འདི་ནི་ངའིའོ་ཞེས་མུ་ཐུག་བྲེ་བར་བྱའོ་ཞེས་དེ་རྣམས་ཚོགས་ཤིང་འདུས་ནས་ཞིང་དགོད་དེ་མཚམས་བཅད་མུ་ཐུག་བྲེས་སོ། །གཽ་ཏ་མ་དག་འདི་ནི་འཇིག་རྟེན་དུ་མུ་ཐུག་བྲེ་བའི་ལས་ཀྱི་མཐའ་རྣམས་བྱུང་བའི་རྩོམ་པ་དང་པོ་ཡིན་ནོ། །ཞེས་གསུངས་སོ། །
|