7035

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:26, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མུ་བཞི
Tibetan Definition མཐའམ་རྣམ་པ་བཞི་ནི། ཅིག་ཡིན་ལ་ཅིག་ཤོས་མིན་པའི་མུ། ཅིག་ཤོས་ཡིན་ལ་ཅིག་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ་དང་བཞིའོ། །དཔེར་ན་གཡང་ས་ཆེན་པོ་ཞིག་ཏུ་སོང་བའི་ཚེ་མཐའ་རུ་སླེབ་པ་ན། དེ་ཕན་ཆད་དུ་འགྲོ་རུ་མེད་པ་ལྟར། མུ་ལའང་དེ་བཞི་རུ་ངེས་ཤིང་དེ་ཕན་ཆད་བརྩི་རུ་མེད་པས། མུའམ་མཐའ་ཞེས་བྱའོ། །གང་ཟག་དང་ལྡན་མིན་འདུ་བྱེད་གཉིས་ལ་མུ་བཞི་ཡོད་དེ། གང་ཟག་ཡིན་ལ་ལྡན་མིན་འདུ་བྱེད་མིན་པའི་མུ། ལྡན་མིན་འདུ་བྱེད་ཡིན་ལ་གང་ཟག་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུ་དང་བཞིའོ། །འདི་རང་རྒྱུད་པའི་ལུགས་ལྟ་བུར་གཞིར་བཞག་བྱས སྒྲ་བཤད་ནི། མུ་ནི་མཐའི་དོན་ཏེ། མཆིམས་མཛོད་༢༩ལས། མུ་ཞེས་པ་ནི་མཐའ་ཞེས་པ་སྟེ། དྲི་བ་དེ་ལྟ་བུ་ལ་ལྟོས་ནས་ལན་མཐའ་བཞི་ཁོ་ནར་ངེས་ཀྱི་ལྔ་པ་ལ་སོགས་པ་མེད་པའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་མུ་ཞེས་པ་རྣམ་པ་ལའང་འཇུག་སྟེ། འདུལ་བ་རྣམ་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༡༠ན༥ལས། མུ་བཞི་ཞེས་བྱ་བ་ནི་འདིར་རྣམ་པ་ལ་བྱའོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པ་ལྟར་རོ། །དབྱིན་ཇིས་four possibilities ཞེས་བསྒྱུར་འདུག