From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མེ་ཏོག་ཆར་པ
|
Tibetan Definition
|
མེ་ཏོག་ཆར་པ་ཞེས་པ་ཉི་ཆར་གཉིས་དུས་གཅིག་ཏུ་འཚོགས་པའི་སྐབས་ཀྱི་ཆར་འཇམ་པོའི་མིང་ཡིན། འདི་གནའ་བོ་རྟེན་འབྲེལ་བཟང་པོ་ཞིག་ཏུ་བརྩི་གི་ཡོད་འདུག འདི་ལ་མེ་ཏོག་ཆར་པ་ཞེས་པའི་ཐ་སྙད་འདི་གནའ་བོ་བོད་ལ་ཡོངས་གྲགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་མངོན་རྟགས་སུ། དུས་རབས་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་སྟོད་ལ་བོད་ནང་ཐེངས་གཉིས་འགྲོ་མྱོང་མཁན་གྱི་རྒྱ་གར་བའི་མི་རིགས་བོད་ཀྱི་སྐད་ཡིག་ལ་མཁས་པ་སརཏ་ཙན་དྲ་དྷ་སེའི་ (Sarat Chandra Das) «ལྷ་ས་དང་བོད་དབུས་ཕྱོགས་སུ་འགྲིམ་འགྲུལ» (Journey to Lhasa and Central Tibet, page: 6) ཞེས་པའི་ཤོག་ལྡེབས་༦པར། ཉི་ཆར་དུས་གཅིག་ཏུ་འཚོགས་པ་ལ་བྷོ་ཊི་ཡས་ (བོད་རིགས་འབྲས་ལྗོངས་པས) མེ་ཏོག་ཆར་པ་བརྗོད་ཀྱི་རེད་ཅེས་འཁོད་འདུག བོད་རྒྱ་ཚིག་མཛོད་ཆེན་མོར། ལྷའི་མེ་ཏོག་དངོས་སུ་བབས་པ་ལ་མེ་ཏོག་ཆར་པ་ཞེས་ཐ་སྙད་སྦྱར་འདུག་ཀྱང༌། དེ་ལ་མེ་ཏོག་གི་ཆར་པ་ཞེས་དྲུག་སྒྲ་སྦྱར་དགོས་པར་སེམས་ཏེ། སྐྱེས་ཆེན་དམ་པའི་རྣམ་ཐར་རྣམས་སུ་མེ་ཏོག་གི་ཆར་ཞེས་དྲུག་སྒྲ་སྦྱར་བ་ཤ་སྟག་ལས་མ་སྦྱར་བ་མི་སྣང་བའི་ཕྱིར་རོ། །
|