From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མེ་པ་རལ་པ་ཅན
|
Tibetan Definition
|
(འདུལ་བ) ལས་འབྲས་ཁས་ལེན་པའི་མུ་སྟེགས་པའི་བྱེ་བྲག་ཅིག སྒྲ་བཤད་ནི། མེ་ལ་ལྷར་འཛིན་ཅིང་དད་པས་ན་མེ་པ། སྐྲ་རལ་པར་འཇོག་པས་ན་རལ་པ་ཅན་ནོ། །སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་ཆུང་དང་། མཚོ་ཊཱིཀ་གཉིས་ཀར་གསལ་ལོ། །སྤྱིར་བཏང་མུ་སྟེགས་པ་རབ་ཏུ་དབྱུང་བར་མ་གནང་ལ། དམིགས་བསལ་ལ་ཤཱཀྱའི་རིགས་ཀྱི་མུ་སྟེགས་པ་དང་། མེ་པ་རལ་པ་ཅན་གཉིས་རབ་ཏུ་དབྱུང་བར་གནང་ངོ་། །དེའི་རྒྱུ་མཚན་ནི། ཤཱཀྱའི་རིགས་ཀྱི་མུ་སྟེགས་ཅན་ནི་བཅོམ་ལྡན་འདས་ཀྱི་ཉེ་དུ་ཡིན་པ་དང་དགྲ་ལ་ཕྱིར་མི་ནུར་བར་དཔའ་བ་དང་ཆང་མི་འཐུང་བ་དང་དམ་པའི་ཆོས་ནམ་དུ་ཡང་མི་གཏོང་བ་དང་བརྫུན་དང་གཡོ་མེད་པའི་ཕྱིར་དང་། མེ་པ་རལ་པ་ཅན་ནི་ལས་འབྲས་ཁས་ལེན་པའི་ཕྱིར་རོ། །
|