7130

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:32, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མོད་མི་དམའ
Tibetan Definition བསླབ་པའི་གཞི་མང་པོ་ལས་མ་ཉམས་པ། སྒྲ་བཤད་ནི། མོད་ནི་མང་པོའི་དོན་ལའང་འཇུག་པས། བསླབ་པའམ་སྡོམ་པའི་ཆ་མང་པོ་ལས་མི་དམའ་བ་ནི་མི་ཉམས་པའི་དོན་ནོ། །ཀླུ་སྒྲུབ་ཀྱི་བཤེས་སྤྲིང་༼ ངེ ༽༤༡ན༢ ལས། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཅེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་བཤེས་སྤྲིང་འགྲེལ་པ་༼ ངེ ༽༧༨བ༣ལས། ཚུལ་ཁྲིམས་གཅིག་ལས་འདས་པས་ནི་ཉམས་པར་འགྱུར་རོ། །བསླབ་པ་མང་པོ་ཞིག་ལས་འདས་པས་ནི་སྐྱོན་ཅན་དུ་འགྱུར་རོ། །དེ་གཉི་ག་མེད་པར་བསྟན་པའི་ཕྱིར། མ་ཉམས་མོད་མི་དམའ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་སྐྱོན་ཅན་ནི་མོད་དམའ་བ་ཡིན་ནོ། །