From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཙན་དན་ལྟ་བུའི་གང་ཟག
|
Tibetan Definition
|
རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏེ། ཐོས་པ་ཉུང་ལ་ང་རྒྱལ་ཆེ་བ། ལུང་རིགས་ཀྱི་དོན་ལེགས་པར་མ་ངེས་ཤིང་རྩོད་པ་མང་བ། སྐྱོན་དེ་རྣམས་བསལ་ནས་རྗེས་སུ་གཟུང་བར་དཀའ་བའི་གང་ཟག་གི་རིགས་ཤིག་གོ། སྒྲ་བཤད་ནི། དཔེར་ན་ཙན་དན་དེ་འབྲས་བུ་མེད་པ། དྲུག་སྦྲུལ་གདུག་པ་ཅན་གྱིས་དཀྲིས་པ། དྲུང་དུ་ཉེ་བར་འགྲོ་མི་རུང་བ་དང་འདྲ་བས་དེ་སྐད་ཅེས་བཏགས་སོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད།
|