7208

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཙིནྟ་མ་ཎི
Tibetan Definition (ལེགས་སྦྱར) བོད་སྐད་དུ་བསྒྱུར་ན། ཡིད་བཞིན་གྱི་ནོར་བུ་ཞེས་བྱའོ། །རིན་པོ་ཆེའི་རིགས་ཤིག་སྟེ། ཁ་དོག་སེར་པོ། མཚོན་སྣ་ལྔ་ཡི་གདངས་དང་ལྡན་པའི་རི་མོ་བདུན་ཡོད་པ། དེ་ལ་བལྟས་པས་ཉིན་མོ་ཡང་སྐར་མ་མཐོང་བ། རས་མང་པོ་བརྩེགས་པའི་འོག་ཏུ་བཞག་ཀྱང་བདེན་སྟོབས་བརྗོད་ཙམ་གྱིས་སྟེང་དུ་འབྱུང་བའི་ཡོན་ཏན་དང་ལྡན་པ་ཞིག་གོ། དེ་ཡང་མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཙིནྟ་མ་ཎི་ཞེས་ཁ་དོག་སེར། །དེ་ལ་མཚོན་མདངས་སྣ་ལྔ་ཡི། །མིག་མཚུངས་རི་མོ་བདུན་ཡོད་ལ། །ཡོན་ཏན་ཁྱད་པར་དེར་བལྟས་ཿཔའི། །རྗེས་སུ་ཉིན་ཡང་སྐར་མ་མཐོང༌། །རས་མང་བརྩེགས་པའི་འོག་བཞག་ཀྱང༌། །བདེན་པའི་སྟོབས་ནི་བརྗོད་ཙམ་ན། །དེ་ཉིད་སྟེང་དུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དྲི་མེད་ཤེལ་ཕྲེང་༩༢ལས་ཀྱང་དེ་ལྟར་བཤད་དོ། །ཀུན་མཁྱེན་འཇིགས་མེད་གླིང་པའི་རིན་པོ་ཆེའི་གཏམ། ཙིནྟ་མཎིའི་མཛོད་ཁང་ཞེས་བྱ་བ་ལས། ཙིནྟ་མཎིའི་མཚན་ཉིད་ནི། ཁ་དོག་ནམ་མཁའ་ཞུན་མ་ལྟ་བུ་ལ་སེར་མདངས་ཅུང་ཟད་མངོན་པ། རྨ་བྱའི་མདོངས་ལྟ་བུའི་རི་མོ་བདུན་གྱིས་ཤིན་ཏུ་མཛེས་པར་བྱས་ཤིང་། ཆེ་ཤོས་བྱ་གག་གི་ངར་སྒོང་ཙམ་ལ་ཟུར་མང་ཉུང་དུ་མངོན་པ། ནམ་མཁར་བཏེག་ན་དེ་དང་འགྲེ་ཞིང་མིག་ལ་བཀབ་པས་ཉིན་མོའི་འོད་ཀྱང་ཟིལ་གྱིས་ནོན་པ་ལྟར་སྐར་ཚོགས་ཐམས་ཅད་མཚན་མོ་ལྟར་མཐོང་བ། དགོས་འདོད་འབྱུང་བའི་རྟགས་སུ་ངོ་བོ་ཉིད་ལ་ཀ་ཤི་ཀས་རས་བརྩེགས་མར་བཀབ་ནས་བདེན་པའི་སྟོབས་བརྗོད་ན། དེའི་མོད་ལ་བླ་འོག་བརྗེ་བ་ཁྱད་པར་གྱི་ཆོས་སོ། །ཞེས་གསུངས་སོ། །