From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཚངས་སྤྱོད་ཅན
|
Tibetan Definition
|
(འདུལ་བ) <བྲཧྨཙརི> 1 འཁྲིག་སྤྱོད་ཀྱི་སྐྱོན་གྱིས་མ་གོས་པའི་ཀུན་སྤྱོད་གཙང་མ་ལ་གནས་པའི་གང་ཟག་གི་མིང་། དེ་ཡང་ཚངས་ནི་གཙང་མའི་དོན་དང་སྤྱོད་ནི་སྤྱོད་པའི་དོན་དུ་གོང་དུ་བཤད་པ་ལྟར་རོ། །དེས་ན་གཙང་མའི་ཀུན་སྤྱོད་དང་ལྡན་པ་ཞེས་བྱ་བའི་དོན་ནོ། །ཡང་ན། ཚངས་ནི་ཚངས་པ་སྟེ་མུ་སྟེགས་པའི་ལྷ་ཚངས་པ་ཡིན་ལ། དེའི་རྗེས་འབྲང་པ་རྣམས་འཁྲིག་སྤྱོད་སྤོང་བ་སོགས་ཀྱིས་དཀའ་ཐུབ་བསྟེན་པའི་བརྟུལ་ཞུགས་ལ་གནས་པ་ལ། “བྲཧྨཙརི” སྟེ་ཚངས་སྤྱོད་ཅན་ཟེར། འདི་ནི་གོང་དུ་བཤད་པ་ལྟར་རྒྱ་གར་གྱི་ཧིནྡཱུའི་ཆོས་ལུགས་ཀྱི་ཐ་སྙད་སོར་བཞག་བྱས་ཏེེ་ཕྱིས་སུ་ནང་པས་ཚུར་བླངས་པར་ངེས་སོ། །ཁོང་ཚོས་འཁྲིག་སྤྱོད་སྤངས་པའི་གང་ཟག་ལ་ “བྲཧྨ་ཙ་རི” སྟེ་ཚངས་སྤྱོད་ཅན་ཞེས་དེང་སང་ཡང་འབོད། འདི་རྒྱ་གར་གྱི་ཡོངས་གྲགས་ཀྱི་ཐ་སྙད་ཅིག་ཡིན་ཞིང་། རྒྱ་གར་གྱི་སྐད་ཤེས་ན་འདིའི་ཚིག་དོན་བདེ་བླག་ཏུ་རྟོགས་ནུས་སོ། །2 དགེ་ཚུལ་སློང་སོགས་སྡོམ་ལྡན་སྤྱིའི་མིང་།
|