7277

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:44, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚངས་སྤྱོད་དགེ་བསྙེན
Tibetan Definition (འདུལ་བ) སྤང་བྱ་ལྔ་ཀ་སྤོང་བའི་སྟེང་དུ་མི་ཚངས་སྤྱོད་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་ལེན་པའི་དགེ་བསྙེན་ལ་ཟེར། འདིར་སྤང་བྱ་ལྔ་འདྲེན་ཚེ་ལོག་གཡེམ་དྲང་དགོས། སྒྲ་བཤད་ནི། འདིས་མི་ཚངས་སྤྱོད་གཏན་དུ་སྤངས་པ་ཡིན་པས་ན་ཚངས་སྤྱོད་དགེ་བསྙེན་ཟེར་རོ། །མཚོ་ཊཱིཀ་ལས། ཚངས་པར་སྤྱོད་པའི་དགེ་བསྙེན་ནི། ལུང་རྣམ་འབྱེད་པས་རབ་ཏུ་འབྱུང་མི་ནུས་ན་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་ལོང་ཞིག་ཅེས་གསུངས་སོ། །དེའི་འགྲེལ་པ་ལས་མི་ཚངས་པར་སྤྱོད་པ་གཏན་སྤངས་པ་ཡིན་པས་ལྔ་པ་ཚངས་པར་སྤྱོད་པ་ཞེས་བྱ་སྟེ། ཁྱིམ་སྤངས་པའི་དགེ་བསྙེན་བསླབ་པའི་གཞི་ལྔ་བླངས་པ་ཡིན། ཊཱི་ཀ་ལས་ཀྱང་ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་པའི་ཆོས་ལས་ཕྱིར་བཟློག་པའོ་ཞེས་སོ། །ཞེས་གསུངས་སོ། །